本帖最后由 15535616222 于 2016-3-30 17:37 编辑
《绮丽藏北》 ཆེད་སྒྲིག་པར་གཞི་འདི་2009ལོར་པར་ལེན་བྱས་པ་དང་འདི་ནི་ནག་ཆུ་བརྙན་འཕྲིན་ལས་ཁུངས་ཆེད་སྒྲིག་ཚན་པ་བཙུགས་མ་ཐག་པར་ལེན་བྱས་པའི་ལེའུ་གསུམ་ཡོད་པའི་བརྙན་འཕྲིན་ཆེད་སྒྲིག་ལེ་ཚན་༼སྒེག་ཉམས་ཀྱིས་ཕྱུག་པའི་བྱང་ཐང་༽ཞེས་པའི་ཁྲོད་ཀྱི་ལེའུ་དང་པོ་དེ་ཡིན་པ་རེད། པར་ལེན་ཙུའུ་དེར་ཁྱོན་མི་གྲངས་༤ལས་མེད་པ་དང་ལོ་གཅིག་མན་གྱི་དུས་ཚོད་ནང་ནག་ཆུ་ས་ཁུལ་གྱི་ཕྱོགས་བཞིར་བསྐྱོད་པ་དང་རྫོང་དང་ཤང་གྲོང་ཚོར་གཟབ་སྐྱོད་བྱས་ནས་བཅར་འདྲི་བྱས་པ། ལྷ་རི་རྫོང་སྙེའོ་ཤང་གི་ཁྱད་འཕགས་ཀྱི་རང་བྱུང་མཛེས་ལྗོངས་པར་ལེན་ཐུབ་རྒྱུའི་ཆེད་དུ་ཡིད་འོང་གཙང་པོ་གྲོལ་སྐབས་གཙང་ཆུ་རྒྱས་ནས་རླངས་འཁོར་འགྲོ་སྐྱོད་ལ་དཀའ་ཚེགས་ཆེན་པོ་འཕྲད་ཡོད་ལ་ཐ་ན་རང་ཉིད་ཀྱི་ཚེ་སྲོག་ཀྱང་བློས་གཏོང་གི་མཚམས་སུ་སླེབས་ཡོད་མོད་འོན་ཀྱང་པར་ལེན་ཙུའུ་ཁོངས་མིས་དཀའ་ཚེགས་ཆེ་ཆུང་ཅི་འཕྲད་ཀྱང་དཔའ་མི་ཞུམས་མེད་པར་ཉིན་མཚན་དབྱེ་བ་མེད་པར་དེ་ཁུལ་གྱི་ཆེས་མཛེས་ཤོས་ཀྱི་ཡུལ་ལྗོངས་པར་ལེན་བྱས་ནས་ནག་ཆུ་དྲིལ་བསྒྲགས་དང་ནག་ཆུའི་ཡུལ་སྐོར་བྱ་གཞག་གི་འཕེལ་རྒྱས་ཆེད་དུ་ལེགས་སྐྱེས་ཕུལ་ཡོད་པ་རེད། ལེའུ་དེའི་ནང་བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ས་ཁམས་གནས་སྟངས་དང་མངའ་ཁོངས་ཀྱི་རྒྱ་ཁྱོན་ མཛེས་ལྗོངས་ཁུལ་ སྲོག་ཆགས་དང་རྩ་རྩི་ཤིང་ གཏེར་རྫས་ ཐོན་ཁུངས་སོགས་ཀྱི་ནང་དོན་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཡོད་ལ་གཉན་ཆེན་ཐང་ལྷ་དང་གནམ་མཚོ་ཕྱུག་མོ་སོགས་པའི་བོད་བྱང་གི་གནས་རི་གནས་མཚོ་མང་དག་ཞིག་གི་ཆེས་ངོ་མཚར་ལྡན་པའི་གཏམ་རྒྱུད་དང་མི་ཚང་མའི་ཡིད་དབང་འཕྲོག་པའི་བཙེ་གདུང་གི་གཏམ་རྒྱུད་ངོ་སྤྲོད་བྱས་ཡོད་པས་བོད་བྱང་ས་གཞི་ཆེན་མོ་དེ་ཤེས་རྟོགས་བྱེད་པའི་ཀུན་བཏུས་དེབ་ཐེར་ཞིག་དང་མཆིས། 这部专题片拍摄于2009年,是那曲电视台专题部成立之初拍摄的三集大型电视专题片《魅力那曲》中的一集。摄制组总才共4人,在不到一年的时间里跑遍了那曲地区东西南北,访遍县乡村户,为了拍摄嘉黎县忠义乡独特的自然景观,在过易贡藏布江时,因河水湍急,导致车辆抛锚,险些丧失性命,但是摄制组成员没有退宿,没有放弃,依然跋山涉水,日夜兼程,捕捉每一个最灵动、最唯美的镜头和画面,为宣传那曲、发展那曲旅游业而默默的付出着。本集全面介绍了西藏那曲地区的地理位置、幅员范围、人文景观、各种动植物和矿产资源等内容,介绍了念青塘拉雪山、纳木错湖等藏北众多神山圣湖的神奇传说和浪漫动人的爱情故事,相当于一部了解藏北大地的百科全书。
《绮丽藏北》获“展现辉煌”全国电视纪实类节目评析金牌节目
|